下载txt文档
作词 : 斗拉加
作曲 : 嘎多吉扎巴
编曲 : 谢尔巴
ཕ་ཡུལ་ཟེར་ན་འདི་རེད།
ཚིག སྟག་ལྷ་རྒྱལ།
དབྱངས། མགར་རྡོ་རྗེ་གྲགས་པ།
ལེན་མཁན། ཤེར་བསྟན། ཚེ་དབང་ལྷ་མོ།
སྟོད་ན་གངས་དང་རྫ་རི།།
སྤང་ན་ཤྭ་དང་རི་དྭགས།།
མེ་ཏོག་ལུང་བའི་ཕུ་ལ།
རྟ་ནོར་ལུག་གསུམ་འཛོམས་པ།།
མེ་ཏོག་ལུང་བའི་ཕུ་ལ།
རྟ་ནོར་ལུག་གསུམ་འཛོམས་པ།།
སྨད་ན་གཙང་ཆབ་སྔོན་མོ།།
འགྲམ་ན་རྣང་ཞིང་གྲུ་བཞི།།
མེ་ཏོག་ཆར་པ་བབས་སོང་།།
གྲོ་ནས་སྲན་གསུམ་འཛོམས་པ།།
མེ་ཏོག་ཆར་པ་བབས་སོང་།།
གྲོ་ནས་སྲན་གསུམ་འཛོམས་པ།།
ཞང་ཡ་རེ་ལོ།
ཕ་མ་ཟེར་ན་འདི་རེད།།
ཕ་ཡུལ་ཟེར་ན་འདི་རེད།།
ཕ་མ་ཟེར་ན་འདི་རེད།།
ཕ་ཡུལ་ཟེར་ན་འདི་རེད།།
བར་ན་ནགས་ཀླུང་ཕྱུག་མོ།།
ནགས་ལ་སིལ་ཏོག་འཁྲུངས་ས།།
ཁུ་བྱུག་གསུང་སྐད་སྙན་སོང་།།
ཤིང་སྣ་བརྒྱ་སྟོང་འཛོམས་པ།།
ཁུ་བྱུག་གསུང་སྐད་སྙན་སོང་།།
ཤིང་སྣ་བརྒྱ་སྟོང་འཛོམས་པ།།
གཡང་ས་གངས་ལྗོངས་ལུང་པ།།
གཡང་ར་སྒོ་བཞིས་བརྒྱན་པ།།
སྤང་ལྗོངས་མེ་ཏོག་བཀྲ་སོང་།།
རང་བྱུང་གཏེར་སྣ་འཛོམས་པ།།
སྤང་ལྗོངས་མེ་ཏོག་བཀྲ་སོང་།།
རང་བྱུང་གཏེར་སྣ་འཛོམས་པ།།
ཞང་ཡ་རེ་ལོ།
ཕ་མ་ཟེར་ན་འདི་རེད།།
ཕ་ཡུལ་ཟེར་ན་འདི་རེད།།
ཕ་མ་ཟེར་ན་འདི་རེད།།
ཕ་ཡུལ་ཟེར་ན་འདི་རེད།།
རི་ཆུ་ནགས་གསུམ་མཉམ་གནས།།
བྱ་བྱེའུ་རི་དྭགས་མཉམ་གནས།།
མཚོ་ནང་ཉ་སྲབ་མཉམ་གནས།།
འགྲོ་བ་སེམས་ཅན་མཉམ་གནས།།
མཚོ་ནང་ཉ་སྲིན་མཉམ་གནས།།
འགྲོ་བ་སེམས་ཅན་མཉམ་གནས།།
ཞང་ཡ་རེ་ལོ།
ཕ་མ་ཟེར་ན་འདི་རེད།།
ཕ་ཡུལ་ཟེར་ན་འདི་རེད།།
ཕ་མ་ཟེར་ན་འདི་རེད།།
ཕ་ཡུལ་ཟེར་ན་འདི་རེད།།
ཕ་མ་ཟེར་ན་འདི་རེད།།
ཕ་ཡུལ་ཟེར་ན་འདི་རེད།།
← 返回首页